སྒོམ་སྒྲུབ་ཀྱི་གསར་བརྡ།
༄༅། བདེན་དོན་དང་བདེ་སྐྱིད་འཚོལ་མཁན་རྒྱ་ཆེན་མང་ཚོགས་རྣམས་ལ་ཆེད་ཞུ།
འདི་གར་དྷ་སར་ཐར་འདོད་གླིང་དུ་རྟེན་གཞི་བྱེད་པའི་བཤད་སྒྲུབ་ལྟེ་གནས་ཁང་དུ་ཕྱི་ལོ། ༢༠༢༣ ཟླ་བ། ༠༥ ཚེས ༠༡ ནས་བཟུང་ཟླ་བ། ༠༥ པའི་ཚེས། ༣༡ བར་ཞི་གནས་དང་ལྷག་ མཐོང་གི་སྒོམ་ཁྲིད་དང་འབྲེལ་སྒོམ་སྒྲུབ་ཟླ་བ་གཅིག་རིང་བྱེད་གཏན་འཁེལ་ཡོད་པས་སུ་ཞིག་མཉམ་ཞུགས་གནང་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ། ༢༠༢༣ ཟླ་བ། ༠༤ ཚེས། ༢༠ ཚུན་ཆད་ལ་ཐོ་འགོད་གནང་ཚར་བ་དགོས། དུས་གསུམ་དུ་དཀར་ཟས་ཀྱི་ཞལ་ལག་དང་གསོ་ཇ་ཐེངས་གཉིས་གཏོང་འཆར་ཡོད་པས་ཞལ་ལག་གི་དོད་ཉིན་རེ་ཧིན་སྒོར། ༧༠༠ རེ་འབུལ་དགོས། འ ོན་ཀྱང་སྒོམ་སྒྲུབ་དང་སློབ་ཁྲིད་ཚང་མ་རིན་མེད་ཐོག་ཞུ་རྒྱུ་ཡིན། སྡོད་གནས་ཁང་པ་སོ་སོས་ཐབས་ཤ ེས་གནང་དགོས་པ་ལས་འདི་གར་སྡོད་གནས་ཁང་པ་མེད་པས་དེ་ལུགས་དགོངས་འཇག་ཞུ།
༄༅། ཟླ་བ་གཅིག་རིང་སྒོམ་སྒྲུབ་སྐབས་ཉིན་གཅིག་གི་མཛད་རིམ།
ཞོགས་ཟས། | ཆུ་ཚོད། 08 ནས 09 བར་ཡིན། |
ལྷག་མཐོང་གི་སྒོམ་དང་ཁྲིད། | ཆུ་ཚོད། 09 ནས 10 བར་ཡིན |
གསོ་ཇའི་བར་སེང་། | ཆུ་ཚོད། 10 ནས 10.30 བར་ཡིན། |
ནང་ཆོས་ངོ་སྤྲོད། | 10.30 ནས 11.30 བར་ཡིན། |
ཞལ་འདོན་གནང་སྟངས། | 11.30 ནས 12.30 བར་ཡིན། |
ཉིན་གུང་བཞེས་ལག་བར་སེང་། | 12.30 ནས 02 བར་ཡིན |
སྨན་ལྷའི་ཞལ་འདོན། | ཆུ་ཚོད། 02 ནས 03.30 བར་ཡིན |
གསོ་ཇའི་བར་སེང་། | ཆུ་ཚོད། 03.30 ནས 04 བར་ཡིན། |
ཞི་གནས་ཀྱི་སྒོམ་དང་ཁྲིད། | ཆུ་ཚོད། 04 ནས 05 བར་ཡིན། |
དགོང་མོའི་བཞེས་ལག | 05.30 ནས 06.30 བར་ཡིན། |
གཟའ་ཉི་མ་གང་ཡིན་གུང་སེང་དང་བཞེས་ལག་དུས་ཐོག་ཡོད། ཕྱི་ཚེས་ ༢༡ ཉིན་སྤང་ལྗོངས་ཤིག་གི་ཐོག་ཐུགས་སྤྲོ་གཏང་རྒྱུ་ཡིན།
འབྲེལ་བ་ཞུ་ཡུལ། དགེ་བཤེས་ཚེ་རིང་ཆོས་འཕེལ།
ཁ་པར་ཨང་། ༠༠༩༡ ༧༠༡༨༤༢༨༢༡༧